网站LOGO
དྲི་བ་དྲིས་ལན།
སུམ་ཅུ་པ།དེ་ལས་མང་།>>
རིམ་གྱིས་དཔེར་བརྗོད་ན། ཉིན་མོར་བྱེད་པ་པད་མའི་ཚལ་ལ་བཞིན། །རྒྱ་བོད་མི་རིགས་མཛའ་ཞིང་མཐུན་པ་སྟེ། །ཡུལ་གྱིས་བསྐལ་ཡང་མཛའ་བས་མི་གཏོང་ལྟར། །སྲིད་པའི་སྒྲོན་མེ་པད་མའི་ཚལ་དུ་རྩེན། །(ཕན་ཚུན་གྱི་དཔེ་ཡིན།)ཡིད་འོང་རྣམ་པར་རྒྱལ་པའི་ཁང་བཟང་དང་། །རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེ། །སུམ་རྩེན་གནས་དང་རྒྱལ་ས་པེ་ཅིན་དུ། །ཡོད་པ་ལས་གཞན་འབྱེད་ཆོས་ཅང་ཡོད་དམ། །(ཕུལ་བྱུང་གི་དཔེ་ཡིན།)ལྷ་ཡི་རྫིང་རིང་ཕ་མཐའ་མི་མངོན་ཞིང་། །ཟླ་བའི་མ་མ་ནོར་བུའི་གཏེར་དུ་གྲུབ། །ཟླ་ཤེལ་སྐྱོན་གྱི་དྲི་མས་མ་གོས་ཏེ། །དེ་དག་རྣམས་དང་འཇམ་མགོན་ཁྱོད་ཐུགས་མཚུངས། །(བསྔགས་པའི་དཔེ་ཡིན།)བུ་རམ་ཤིང་པ་ཐེག་གསུམ་གདུལ་བྱ་དང་། །དཔལ་མགྲིན་མུ་སྟེགས་ཚོགས་ཀྱི་སྟོན་པ་མཛད། །རྒྱལ་བས་མཐར་ཐུག་ངེས་ལེགས་ལམ་སྟོན་བཞིན། །ལེགས་ལྡན་གནས་སྐབས་དགེ་བའི་གཙུག་ལག་འཆད། །(མཚུངས་སྦྱོར་གྱི་དཔེ་ཡིན།)