
ཅི་ཞིག་ལ་ཁྱད་པ་བརྗོད་པའི་རྒྱན་ཟེར།དབྱེ་ན་གང་གང་ཡོད།

བརྗོད་པར་འདོད་པའི་དངོས་པོ་དེར་ཡོན་ཏན་དང་རིགས་ལ་སོགས་པའི་ཁྱད་ཆོས་འགའ་ཞིག་མ་ཚང་ཡང་རིགས་མཐུན་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པར་སྟོན་པ་ནི་ཁྱད་པར་བརྗོད་པའི་རྒྱན་ཞེས་བྱ་བ་ཡིན།ཁྱད་པར་བརྗོད་པའི་རྒྱན་དེ་ལ་ནང་གསེས་ཀྱིས་དབྱེ་ན།༡ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ།༢རིགས་མ་ཚང་བའི་ཁྱད་པར་བརྗོད་པ།༣བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ།༤རྫས་མ་ཚང་བའི་ཁྱད་པར་བརྗོད་པ།༥རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པའོ།།