
ཅི་ཞིག་ལ་དོན་གཞན་བཀོད་པའི་རྒྱན་ཟེར།ནང་གསེས་ཀྱི་དབྱེ་བ་དུ་ཡོད་གང་གང་ཡོད།

གང་ཞིག་དོན་གྱི་དངོས་པོ་འགའ་ཞིག་བསྒྲུབ་བྱར་སྔོན་དུ་བཀོད་ནས།དེའི་སྒྲུབ་བྱེད་ནུས་པ་ཅན་དངོས་པོ་གཞན་ཞིག་རྗེས་སུ་བཀོད་པ་དེ་ནི་དོན་གཞན་བཀོད་པའི་རྒྱན་ཡིན།ནང་གསེས་ཀྱིས་དབྱེ་ན་བརྒྱད་ཡོད་དེ།༡ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ།༢ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ།༣སྦྱར་བའི་དོན་གཞན་བཀོད་པ།༤འགལ་བའི་དོན་གཞན་བཀོད་པ།༥མི་འོས་པའི་དོན་གཞན་བཀོད་པ།༦འོས་པའི་དོན་གཞན་བཀོད་པ།༧འོས་པ་དང་མི་འོས་པའི་དོན་གཞན་བཀོད་པ།༨མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་དང་བརྒྱད་དོ།།