
དངོས་པོ་གཞན་གྱི་གོ་དོན་གང་།

བྱེད་པ་པོས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་སྟེ། འདི་ལ་ལས་ཀྱི་དངོས་པོ་ཡང་ཟེར། དེ་དང་འབྲེལ་བའི་བྱ་བའི་ལས་དང་བཅས་པ་ལ་དངོས་པོ་གཞན་ཞེས་བརྗོད་དོ། །དཔེར་ན།༡ སློབ་མ་བསྐྱང་བྱ། ཤིང་སོགས་གཅད་བྱ།༢ བསྐྱང་བར་བྱ། བསྐྱང་ངོ་། །གཅད་པར་བྱ། གཅད་དོ་ཞེས་པ་ལྟ་བུའོ། །