
རང་བཞིན་བརྗོད་པའི་རྒྱན་བཞི་གང་རུང་ལས་དཔེ་བརྗོད་ཅིག་ཞོག

དཔེར་བརྗོད་ན།མཐིང་མཐིང་རལ་བའི་ལན་བུ་རླུང་གིས་སྐྱོད།།བཅུ་དྲུག་གཞོན་ནུའི་སྒེག་འཆང་ལུས་ཕྲའི་གཟུགས།།འཇམ་མཉེན་ཕྱག་སོར་རྩེ་ན་ཏམ་བུ་རས།།སྙན་པའི་དབྱངས་འཁྲོལ་ཚངས་སྲས་ངག་གི་ལྷ།།ཞེས་པ་ལྟ་བུའོ།། (རྫས་རང་བཞིན་བརྗོད་པའི་རྒྱན་ཡིན།)