
ཤིས་བརྗོད་ཀྱི་རྒྱན་གྱི་གོ་དོན་གང་ཡིན།དཔེར་བརྗོད་ཅིག་ཞོག

རང་ཉིད་ཀྱིས་མངོན་པར་འདོད་པའི་དངོས་པོ་དེ་སྲུང་བའམ་ཐོབ་པའི་ཕྱིར་དུ།འདོད་བྱའི་དོན་དེ་གེགས་མེད་དུ་འགྲུབ་པའི་རེ་བ་འཆའ་བའི་སྨོན་ཚིག་ལྟ་བུ་ཞིག་ལ་ཤིས་བརྗོད་ཀྱི་རྒྱན་ཟེར།དཔེར་བརྗོད་ན།སྨྲ་བསམ་བརྗོད་པའི་ཡུལ་འདས་ཟུང་འཇུག་གི།ཡེ་ཤེས་རང་གཟུགས་ངེས་པ་ལྔ་ལྡན་ཡང་།།རིས་མེད་འགྲོ་བའི་སྣང་ངོར་དེ་ཪྙེད་སྐུས།།རྗེས་འཛིན་རྒྱལ་བ་རྒྱ་མཚོས་ཁྱེད་ལ་སྲུངས།།